Posts

Showing posts from August, 2022
Image
  མི་སྡེ་བརྡ་བརྒྱུད། སྒེར་གི་དོན་ལུ་ལག་ལེན། མི་སྡེའི་བརྡ་བརྒྱུད་ (Wechat, Messenger དང་ Facebook) ཚུ་ སྒེར་གི་དོན་ལུ་ ག་དེ་སྦེ་ལག་ལེན་འཐབ་ནི་ཡོད་ཟེར་བ་ཅིན་  (Wechat) འདི་ ཕམ་སྤུན་ཆ་ཚུ་དང་ཅིག་ཁར་ འབྲེལ་བ་འཐབ་ནིའི་དོན་ལུ་ ལག་ལེན་འཐབ་ཨིན། ག་ཅི་འབད་ཟེར་བ་ཅིན་ ངེ་གི་ཕམ་སྤུན་ཆ་ཚུ་གི་ མི་སྡེ་བརྡ་བརྒྱུད་ཚུ་གི་ནང་ལས་ ལག་ལེན་ལེགས་ཤོམ་སྦེ་འཐབ་ཤེས་པའི་མཁོ་ཆས་ཅིག་ཨིནམ་ལས་ ཁོང་ཚུ་དང་ཅིག་ཁར་འབྲེལ་བ་ལེགས་ཤོམ་སྦེ་འཐབ་ཚུགས་ནིའི་དོན་ལུ་ འདི་ལག་ལེན་འཐབ་ནི་ཡོད།    (Messenger) འདི་ ཆ་རོགས་ཚུ་དང་ཅིག་ཁར་ སྟབས་བདེ་སྡུག་བཤད་ནི་གི་དོན་ལུ་དང་ སྤྲོ་བའི་ལོ་རྒྱུས་འདི་ཚུ་རེ་སླབ་ནིའི་དོན་ལུ་ ལག་ལེན་འཐབ་ཨིན།   (Facebook) འདི་ དུས་ཚོད་ཨ་རྩི་རེ་འཐོབ་ད་ དབངཔོ་ངལཝ་སངས་ནིའི་དོན་ལུ་ འདི་ནང་ལས་འཐོན་མི་གློག་བརྙན་ཐུང་ཀུ་ཚུ་བལྟ་ནི་གི་དོན་ལུ་ ལག་ལེན་འཐབ་ཨིན།   ཤེས་ཡོན་གྱི་དོན་ལུ་ལག་ལེན། མི་སྡེ་བརྡ་བརྒྱུད་ (Telegram, Messenger དང་ Facebook) ཚུ་ ཤེས་རིག་གི་དོན་ལུ་ ག་དེ་སྦེ་ལག་ལེན་འཐབ་ནི་ཡོད་ཟེར་བ་ཅིན་  (Telegram) འདི་ སྦྱོང་ཚན་དང་འབྲེལ་བའི་དོགས་པ་རེ་འཐོན་པ་ཅིན་ དེ་འཕྲོད་ལས་སློབ་དཔོན་ད...
Image
འབྲུག་པའི་གླུ་གཞས་ཀྱི་ནང་ལས་ གླུ་གཞས་དགའ་ཤོས།

གཡང་སྐར་གྲུབ་ཀྱི་ངོ་སྤྲོད།

Image
  ཁོ་གི་མིང་གཡང་སྐར་གྲུབ་ཨིན། ཁོ་ དབང་འདུས་རྫོང་ཁག་ སྒང་སྟེང་རྒེད་འོག་ གཡུས་སེམས་ཅུ་བར་ལས་ཨིན། ཁོ་གི་ཆོས་ཡོན་ཏན་ལྷབ་སྦྱང་འབད་སའི་སྐོར་ལས་ མདོར་བསྡུས་ཅིག་ཞུ་བ་ཅིན། སློབ་རིམ་བློ་གསར་དང་པ་ ཕོབ་སྦྱི་ཁ་སློབ་གྲྭ་ཆུང་བའི་ནང་ ལྷབ་སྦྱང་འབད་ཡོདཔ་ཨིན། དེ་ལས་ སློབ་རིམ་གཉིས་པ་ལས་དྲུག་ལྔ་པ་ཚོན་ ར་མེ་ཅན་སློབ་གྲྭ་ཆུང་བའི་ནང་ལྷབ་སྦྱང་འབད་ཡོདཔ་ཨིན། དེ་ལས་ སློབ་རིམ་དྲུག་པ་ལས་ བཅུ་པ་ཚོན་ ཕོབ་སྦྱི་ཁ་འབྲིང་རིམ་སློབ་གྲྭ་བར་ནང་ལྷབ་སྦྱང་འབད་ཡོདཔ་ཨིན། སློབ་རིམ་བཅུ་གཅིག་པ་དང་བཅུ་གཉིས་པ་འདི་ སྟག་རྩེ་སློབ་གྲྭ་ལྟེ་བ་ལས་མཐར་འཁྱོལ་ཏེ་ ད་ལྟོ་  སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་ནང་ ལྷབ་སྦྱང་འབད་པའི་བསྒང་ཡོདཔ་ཨིན་མས།