མི་སྡེ་བརྡ་བརྒྱུད།

སྒེར་གི་དོན་ལུ་ལག་ལེན།

མི་སྡེའི་བརྡ་བརྒྱུད་ (Wechat, Messenger དང་ Facebook) ཚུ་ སྒེར་གི་དོན་ལུ་ ག་དེ་སྦེ་ལག་ལེན་འཐབ་ནི་ཡོད་ཟེར་བ་ཅིན་ 

(Wechat) འདི་ ཕམ་སྤུན་ཆ་ཚུ་དང་ཅིག་ཁར་ འབྲེལ་བ་འཐབ་ནིའི་དོན་ལུ་ ལག་ལེན་འཐབ་ཨིན། ག་ཅི་འབད་ཟེར་བ་ཅིན་ ངེ་གི་ཕམ་སྤུན་ཆ་ཚུ་གི་ མི་སྡེ་བརྡ་བརྒྱུད་ཚུ་གི་ནང་ལས་ ལག་ལེན་ལེགས་ཤོམ་སྦེ་འཐབ་ཤེས་པའི་མཁོ་ཆས་ཅིག་ཨིནམ་ལས་ ཁོང་ཚུ་དང་ཅིག་ཁར་འབྲེལ་བ་ལེགས་ཤོམ་སྦེ་འཐབ་ཚུགས་ནིའི་དོན་ལུ་ འདི་ལག་ལེན་འཐབ་ནི་ཡོད།

 

 (Messenger) འདི་ ཆ་རོགས་ཚུ་དང་ཅིག་ཁར་ སྟབས་བདེ་སྡུག་བཤད་ནི་གི་དོན་ལུ་དང་ སྤྲོ་བའི་ལོ་རྒྱུས་འདི་ཚུ་རེ་སླབ་ནིའི་དོན་ལུ་ ལག་ལེན་འཐབ་ཨིན།

 

(Facebook) འདི་ དུས་ཚོད་ཨ་རྩི་རེ་འཐོབ་ད་ དབངཔོ་ངལཝ་སངས་ནིའི་དོན་ལུ་ འདི་ནང་ལས་འཐོན་མི་གློག་བརྙན་ཐུང་ཀུ་ཚུ་བལྟ་ནི་གི་དོན་ལུ་ ལག་ལེན་འཐབ་ཨིན།

 

ཤེས་ཡོན་གྱི་དོན་ལུ་ལག་ལེན།

མི་སྡེ་བརྡ་བརྒྱུད་ (Telegram, Messenger དང་ Facebook) ཚུ་ ཤེས་རིག་གི་དོན་ལུ་ ག་དེ་སྦེ་ལག་ལེན་འཐབ་ནི་ཡོད་ཟེར་བ་ཅིན་ 

(Telegram) འདི་ སྦྱོང་ཚན་དང་འབྲེལ་བའི་དོགས་པ་རེ་འཐོན་པ་ཅིན་ དེ་འཕྲོད་ལས་སློབ་དཔོན་དང་ཅིག་ཁར་འབྲེལ་བ་འཐབ་ནིའི་དོན་ལུ་ ལག་ལེན་འཐབ་ཨིན། མཁོ་ཆས་འདི་ནང་ མི་མཁས་པ་ཚུ་གི་ ཤེས་རིག་དང་འབྲེལ་བའི་སྡེ་ཚན་བཟོ་ཡོད་མི་ནང་ རང་ཡང་བཅའ་མར་གཏོགས་ཏེ་ དོགས་སེལ་འབད་ནི་ཡོད། དེ་མ་ཚད་ དོགས་པ་བསལ་ནིའི་དོན་ལུ་ ཆ་རོགས་ཚུ་དང་ཅིག་ཁར་ བསྟུན་གྲོས་སའི་ས་ཁོངས་ཅིག་འབད་ལག་ལེན་འཐབ་ཨིན།   

(Messenger) འདི་ནང་ དཔེ་ཆ་ལུ་མཁས་མི་ མི་མང་རབ་ཅིག་ཡོདཔ་ལས་ རང་གི་མ་ཤེས་པའི་དོན་ཚན་རེ་འཐོན་པའི་སྐབས་ལུ་ ཁོང་ཚུ་དང་ཅིག་ཁར་འབྲེལ་བ་འཐབ་ནི་དོན་ལུ་ལག་ལེན་འཐབ་ནི་ཡོད།

 

(Facebook) འདི་ནང་ རང་ལུ་ཁག་ཆེ་བའི་ཤེས་རིག་དང་མཐུན་པའི་ གློག་བརྙན་ཐུང་ཀུ་མ་འདྲཝ་ལེ་ཤ་འཐོན་ནི་ཡོདཔ་ལས་ ལས་འགུལ་དང་གསལ་ཞུ་ཚུ་འབྲི་བའི་སྐབས་ལུ་ རྒྱབ་རྟེན་འབད་ལག་ལེན་འཐབ་ཨིན།

 

 


Comments

Popular posts from this blog