བྲི་སྒོ་ (blog) འདི་སྒེར་གྱི་དོན་ལུ་ ལག་ལེན་འཐབ་ཐངས། བྲི་སྒོ་འདི་སྒེར་གྱི་དོན་ལུ་ ག་དེ་སྦེ་ལག་ལེན་འཐབ་སྨོ་ཟེར་བ་ཅིན་ ང་ར་གིས་ཤེས་མི་ས་ཆ་ཅིག་གི་མཐོང་པ་ཅིན་ འདི་གི་སྐོར་ལས་ ཁ་གསལ་སྦེ་བཤད་པ་རྐྱབ་སྟེ་ ང་རའི་ཉིན་དེབ་ནང་བཙུགས་དོ་ཡོདཔ་ཨིན། འདི་བཟུམ་སྦེ་ར་ ཅ་ལ་ཚུ་གི་སྐོར་ལས་ལེགས་ཤོམ་སྦེ་ཤེས་པ་ཅིན་ མི་ཚུ་ལུ་གོ་བརྡ་སྤྲོད་ནིའི་དོན་ལུ་ བཤད་པ་ཁ་གསལ་སྦེ་རྐྱབ་སྟེ་ བྲི་སྒོ་ནང་བཙུགས་བཞགཔ་ཨིན། འདི་བཟུམ་སྦེ་ གཡང་སྐར་གྱི་ཉིན་དེབ་ཟེར་བཟོ་ཞིནམ་ལས་ ཉིན་ལྟར་བཞིན་དུ་ ལཱ་ག་ཅི་འབད་དོ་ག་ ཁ་གསལ་སྦེ་བྲི་སྒོ་འདི་ནང་བྲིས་བཞགཔ་ཨིན། དེ་སྦེ་བྲི་དགོ་མི་འདི་ཡང་ མི་གཞན་གྱི་རང་ག་ཅི་འབད་དོ་ག་ ག་ཏེ་འདུག་ག་ ག་དེ་སྦེ་འདུག་ག་ཚུ་གི་སྐོར་ལས་ཤེས་ཚུགས་ནི་ཨིནམ་ལས་ ཧིང་སངས་ས་སྦེ་བྲི་བཞག་དགོཔ་ཨིན། བྲི་སྒོ་ (Blogs) འདི་སློབ་སྟོན་གྱི་དོན་ལུ་ལག་ལེན་འཐབ་ཐངས། སློབ་སྟོན་འབད་བའི་སྐབས་ལུ་ སློབ་དེབ་ནང་ཡོད་མི་ལས་ལྷག་སྟེ་ གོ་བ་སྤེལ་ནིའི་དོན་ལས་ མཁས་པ་ཚུ་གི་བྲིས་མི་བྲི་སྒོ་ཚུ་ལྷག་ཞིནམ་ལས་ འདི་ལས་ཡོན་ཏན་གསརཔོ་ཚུ་ལེན་ཏེ་ སློབ་སྟོན་འབད་ནི་ཨིན། དེ་མ་ཚད་ ད་རེས་ནངས་པའི་དུས་ལུ་ བྱང་ཤིང་དང་ས་སྨྱུག་རྐྱངམ་ཅིག་ལག་ལེན་འཐབ་སྟེ་ སློབ་སྟོན་འབད་བ་...
Popular posts from this blog
སློབ་ཕྲུག་ཚུ་ལུ་སློབ་སྟོན་འབད་བའི་སྐབས་ལུ་ བརྡ་དོན་འཕྲུལ་རིག་གི་མཁོ་ཆས་ལག་ལེན་འཐབ་སྟེ་ སློབ་སྟོན་ག་དེ་སྦེ་འབད་ནི་ཨིན་ན་གི་སྐོར་ལས་ལྷབ་སྦྱང་འབད་ཡོད་མི་འདི་གི་ ང་ལུ་ཕན་གནང་མེད་ས་མེད་ཕན་ཐོག་ཅིག་ལགས། འདི་ཡང་དང་པ་ communicative tools, informative tools, constructive tools , co- constructive tools ལ་སོགས་པ་ཚུ་གི་སྐོར་ལས་བཤད་པ་རྐྱབ་མི་འདི་གི་ཕན་ཐོག་ཅིག་ལགས། འདི་ཡང་དང་པ་ informative tool ལས་བརྟེན་ཏེ་ རང་ལུ་ཁག་ཆེ་བའི་རིག་པ་མ་འདྲཝ་ཚུ་ ཡོང་འབྲེལ་ལས་བརྒྱུད་དེ་ འཇམ་ཏོག་ཏོ་སྦེ་འཐོབ་པའི་ཁར་ རང་དགོས་མཁོ་དང་བསྟུན་ཏེ་ གདམ་འཐུ་འབད་ནིའི་དབང་ཚད་ཡང་རང་ལུ་སྤྲོདཔ་ཨིན་མས། དེ་འབདཝ་ལས་ informative tool འདི་དུས་ཚོད་ནམ་ལག་ལེན་འཐབ་རུང་སྟབས་བདེ་ཏོག་ཏོ་ཡོད་པའི་མཁོ་ཆས་ཅིག་ཨིན་མས། འདི་དང་འདྲཝ་སྦེ་ co- constructive tools འདི་ཡང་ བརྡ་དོན་བརྒྱུད་འབྲེལ་གྱི་མཁོ་ཆས་ ལག་ལེན་འཐབ་པའི་སྐབས་ལུ་ སྟབས་བདེ་ཏོག་ཏོ་ཅིག་ཨིན་མས། འདི་ཡང་ co- constructive tools དཔེར་ན་ Google classroom དང་ google docs ཚུ་གི་ཐོག་ལས་ སྡེ་ཚན་གྱི་སྦྱོང་ལཱ་རེ་འབད་དགོ་རུང་ སློབ་སྟོན་འབད་དགོ་རུང་ གཅིག་གི་གཅིག་གི་བར་ན་ འབྲེལ་བ་འཐབ་པའི་སྐབས་ལུ...
Comments
Post a Comment