བྲི་སྒོ་ (blog) འདི་སྒེར་གྱི་དོན་ལུ་ ལག་ལེན་འཐབ་ཐངས།

བྲི་སྒོ་འདི་སྒེར་གྱི་དོན་ལུ་ ག་དེ་སྦེ་ལག་ལེན་འཐབ་སྨོ་ཟེར་བ་ཅིན་ ང་ར་གིས་ཤེས་མི་ས་ཆ་ཅིག་གི་མཐོང་པ་ཅིན་ འདི་གི་སྐོར་ལས་ ཁ་གསལ་སྦེ་བཤད་པ་རྐྱབ་སྟེ་ ང་རའི་ཉིན་དེབ་ནང་བཙུགས་དོ་ཡོདཔ་ཨིན། འདི་བཟུམ་སྦེ་ར་ ཅ་ལ་ཚུ་གི་སྐོར་ལས་ལེགས་ཤོམ་སྦེ་ཤེས་པ་ཅིན་ མི་ཚུ་ལུ་གོ་བརྡ་སྤྲོད་ནིའི་དོན་ལུ་ བཤད་པ་ཁ་གསལ་སྦེ་རྐྱབ་སྟེ་ བྲི་སྒོ་ནང་བཙུགས་བཞགཔ་ཨིན། འདི་བཟུམ་སྦེ་ གཡང་སྐར་གྱི་ཉིན་དེབ་ཟེར་བཟོ་ཞིནམ་ལས་ ཉིན་ལྟར་བཞིན་དུ་ ལཱ་ག་ཅི་འབད་དོ་ག་ ཁ་གསལ་སྦེ་བྲི་སྒོ་འདི་ནང་བྲིས་བཞགཔ་ཨིན། དེ་སྦེ་བྲི་དགོ་མི་འདི་ཡང་ མི་གཞན་གྱི་རང་ག་ཅི་འབད་དོ་ག་ ག་ཏེ་འདུག་ག་ ག་དེ་སྦེ་འདུག་ག་ཚུ་གི་སྐོར་ལས་ཤེས་ཚུགས་ནི་ཨིནམ་ལས་ ཧིང་སངས་ས་སྦེ་བྲི་བཞག་དགོཔ་ཨིན།

བྲི་སྒོ་ (Blogs) འདི་སློབ་སྟོན་གྱི་དོན་ལུ་ལག་ལེན་འཐབ་ཐངས།

སློབ་སྟོན་འབད་བའི་སྐབས་ལུ་ སློབ་དེབ་ནང་ཡོད་མི་ལས་ལྷག་སྟེ་ གོ་བ་སྤེལ་ནིའི་དོན་ལས་ མཁས་པ་ཚུ་གི་བྲིས་མི་བྲི་སྒོ་ཚུ་ལྷག་ཞིནམ་ལས་ འདི་ལས་ཡོན་ཏན་གསརཔོ་ཚུ་ལེན་ཏེ་ སློབ་སྟོན་འབད་ནི་ཨིན། དེ་མ་ཚད་ ད་རེས་ནངས་པའི་དུས་ལུ་ བྱང་ཤིང་དང་ས་སྨྱུག་རྐྱངམ་ཅིག་ལག་ལེན་འཐབ་སྟེ་ སློབ་སྟོན་འབད་བ་ཅིན་ སློབ་ཕྲུག་གི་རིག་པའི་ལྕོགས་གྲུབ་ཡར་རྒྱས་བཏང་མི་ཚུགས། དེ་འབདཝ་ལས་ ཁོང་གི་རྒྱུད་ལུ་ བརྡ་དོན་བརྒྱུད་འབྲེལ་གྱི་ཡོན་ཏན་འཐོབ་ཚུགས་ནིའི་དོན་ལུ་ བྲི་སྒོ་གི་ཐོག་ལས་ཡང་སློབ་སྟོན་འབད་ནི་ཨིན། དེ་སྦེ་སློབ་སྟོན་འབད་ཚུགས་པ་ཅིན་ ཁོང་སློབ་ཕྲུག་ཚུ་ཡང་སྤྲོ་བ་འཐོན་ནི་ཨིནམ་ལས་ ཡོན་ཏན་ཡང་གསརཔོ་འཐོབ་ཚུགས་ནི་ཨིན་མས།

Comments

Popular posts from this blog