སློབ་ཕྲུག་ཚུ་ལུ་སློབ་སྟོན་འབད་བའི་སྐབས་ལུ་ བརྡ་དོན་འཕྲུལ་རིག་གི་མཁོ་ཆས་ལག་ལེན་འཐབ་སྟེ་ སློབ་སྟོན་ག་དེ་སྦེ་འབད་ནི་ཨིན་ན་གི་སྐོར་ལས་ལྷབ་སྦྱང་འབད་ཡོད་མི་འདི་གི་ ང་ལུ་ཕན་གནང་མེད་ས་མེད་ཕན་ཐོག་ཅིག་ལགས། འདི་ཡང་དང་པ་ communicative tools, informative tools, constructive tools, co-constructive tools ལ་སོགས་པ་ཚུ་གི་སྐོར་ལས་བཤད་པ་རྐྱབ་མི་འདི་གི་ཕན་ཐོག་ཅིག་ལགས། འདི་ཡང་དང་པ་ informative tool ལས་བརྟེན་ཏེ་ རང་ལུ་ཁག་ཆེ་བའི་རིག་པ་མ་འདྲཝ་ཚུ་ ཡོང་འབྲེལ་ལས་བརྒྱུད་དེ་ འཇམ་ཏོག་ཏོ་སྦེ་འཐོབ་པའི་ཁར་ རང་དགོས་མཁོ་དང་བསྟུན་ཏེ་ གདམ་འཐུ་འབད་ནིའི་དབང་ཚད་ཡང་རང་ལུ་སྤྲོདཔ་ཨིན་མས། དེ་འབདཝ་ལས་ informative tool  འདི་དུས་ཚོད་ནམ་ལག་ལེན་འཐབ་རུང་སྟབས་བདེ་ཏོག་ཏོ་ཡོད་པའི་མཁོ་ཆས་ཅིག་ཨིན་མས།

འདི་དང་འདྲཝ་སྦེ་ co-constructive tools འདི་ཡང་ བརྡ་དོན་བརྒྱུད་འབྲེལ་གྱི་མཁོ་ཆས་ ལག་ལེན་འཐབ་པའི་སྐབས་ལུ་ སྟབས་བདེ་ཏོག་ཏོ་ཅིག་ཨིན་མས། འདི་ཡང་ co-constructive tools  དཔེར་ན་ Google classroom དང་ google docs ཚུ་གི་ཐོག་ལས་ སྡེ་ཚན་གྱི་སྦྱོང་ལཱ་རེ་འབད་དགོ་རུང་ སློབ་སྟོན་འབད་དགོ་རུང་ གཅིག་གི་གཅིག་གི་བར་ན་ འབྲེལ་བ་འཐབ་པའི་སྐབས་ལུ་ དུས་ཚོད་ལོག་སུ་བཏོན་ཏེ་ ས་ཁོངས་སོ་སོར་ཚུ་ནང་འགྱོ་མ་དགོ་པའི་ཁར་ རང་ནམ་སྟབས་བདེཝ་ཅིག་ལག་ལེན་འཐབ་བཏུབ་པའི་མཁོ་ཆས་ བྱ་སྟབས་བདེ་ཏོག་ཏོ་ཡོདཔ་ལས་ འདི་གི་ང་ལུ་ཕན་ཐོ་གནས་མེད་ས་མེད་འབྱུང་ཡི་ལགས། ཐམཁོ་ཆས་འདི་ཚུ་འདི་བརྟེན་ཏེ་ ཧེ་མ་མ་འཐོབ་པའི་ཡོན་ཏན་གསརཔོ་ཚུ་འཐོབ་ཚུགས་པའི་ཁར་ ལག་ལེན་འཐབ་པའི་སྐབས་ལུ་ཡང་ རང་ག་མནོཝ་སྦེ་ལག་ལེན་འཐབ་བཏུབ་མི་ཅིག་འབདཝ་ལས་ ཁེ་ཕན་གནང་མེད་ས་མེད་འདུག་ལགས།

 

Comments

Popular posts from this blog