བརྡ་དོན་ཕན་འཕྲུལ་མཁོ་ཆས་ (assistive technology tool) གི་བསམ་ཞིབ་སྙན་ཞུ།
༉ བརྡ་དོན་ཕན་འཕྲུལ་མཁོ་ཆས་ (assistive technology tool) ཟེར་མི་འདི་ སློབ་ཕྲུག་དབང་པོ་སྐྱོན་ཅན་ཚུ་ གཞན་མི་དབང་པོ་ལུ་ཐོ་མ་ཕོབ་མི་དང་འདྲཝ་སྦེ་ འབད་ཚུགས་པའི་ ལྕོགས་གྲུབ་ཡར་རྒྱས་བཏང་ནི་དང་ ཡོན་ཏན་གྱི་པུས་ཚད་ཡར་རྒྱས་བཏང་ནིའི་དོན་ལུ་ ལག་ལེན་འཐབ་པའི་དེང་སང་གི་མཁོ་ཆས་ (tools) ཅིག་ལུ་གོཝ་ཨིན་མས། བརྡ་དོན་ཕན་འཕྲུལ་གྱི་མཁོ་ཆས་ལེ་ཤ་ཡོད་པའི་ནང་ལས་ Microsoft text reader, text to speech technology, windows screen reader གསུམ་གྱི་ཐོག་ལུ་བསམ་ཞིབ་ཅིག་བྲི་ནི་ཨིན།
Microsoft text reader འདི་ མིག་ཏོག་གི་དབང་པོ་ལུ་ སྐྱོན་ཕོག་མི་སློབ་ཕྲུག་ཚུ་གི་ ལག་ལེན་འཐབ་བཏུབ་པའི་མཁོ་ཆས་ཅིག་ཨིན་མས། མཁོ་ཆས་འདི་གི་ དབང་པོ་སྐྱོན་ཅན་ཚུ་ལུ་ག་དེ་སྦེ་ཕན་ཐོགཔ་སྨོ་ཟེར་བ་ཅིན་ སློབ་ཕྲུག་དབང་པོ་ལུ་སྐྱོན་ཕོག་མི་ཅིག་གི་ སློབ་ཁང་ནང་སྤྱན་ཞུ་འབད་དགོཔ་རེ་འཐོན་ཅིན་ ཁོང་དང་ཅིག་ཁར་ཆ་རོགས་མེད་པ་ཅིན་ སྤྱན་ཞུ་འབད་མི་ཚུགས་ནི་ཨིནམ་ལས་ ག་དེམ་ཅིག་སྦེ་ འཕྲུལ་ཆས་འདི་ལག་ལེན་འཐབ་པ་ཅིན་ གློག་རིག་ནང་ཡི་གུ་རེ་འབྲི་བའི་སྐབས་ལུ་ ཡི་གུ་ཁོང་རའི་སྒྲ་དང་ཅིག་ཁར་འཐོནམ་ཨིན། དེ་འབདཝ་ལས་ ཡི་གུའི་སྒྲ་དང་ཅིག་ཁར་འཐོན་མི་འདི་གི་ མིག་གི་དབང་པོ་ལུ་སྐྱོན་ཕོག་མི་ཚུ་གིས་ལཱ་འབད་ནི་ལུ་འཇམ་ཏོག་ཏོ་ཡོདཔ་ཨིན། འཕྲུལ་ཆས་འདི་གི་ ཁོང་དབང་པོ་ལུ་སྐྱོན་ཕོག་མི་ཚུ་དང་ གཞན་སྤྱིར་བཏང་གི་ཨ་ལོ་ཚུ་དང་ཅིག་ཁར་ཅོག་འཐདཔ་སྦེ་འབད་ཚུགས་པའི་ཕན་ཐོག་ཡོདཔ་ཨིན།
Text to speech technology ཟེར་མི་འདི་ གློག་རིག་མཉེན་ཆས་ཀྱི་ཐོག་ལས་ ཚིག་ཚུ་བློ་ཚིག་ལུ་བསྒྱུར་བཏང་མི་འཕྲུལ་ཆས་ཆིག་ཨིན་མས། འཕྲུལ་ཆས་འདི་ སློབ་ཕྲུག་ཡི་གུ་ལྷག་མ་ཚུགས་མི་ཚུ་གི་དོན་ལུ་ ལག་ལེན་འཐབ་ཨིན་མས། ཚིག་ཚུ་བློ་ཚིག་ལུ་བསྒྱུར་ཏེ་ ཨ་ལོ་ཁོང་རའི་བློ་འདོད་ལྟ་དུ་ སྐད་སེང་ཕབ་འབད་དེ་ལག་ལེན་འཐབ་བཏུབ་ཨིན་མས། དེ་མ་ཚད་ མིང་ཚིག་གི་རྗོད་སྒྲ་མ་ཤེས་མི་རེ་འཐོན་པ་ཅིན་ མཁོ་ཆས་འདི་གི་ཆ་རོགས་འབད་དོ་ཡོདཔ་ལས་ ཡི་གུ་ལྷག་ནིའི་དོན་ལུ་ གཞན་ལུ་རེ་མ་དགོ་པར་ ནམ་སྟབས་བདེཝ་ཅིག་ལག་ལེན་འཐབ་ཚུགསཔ་ལས་ མཁོ་ཆས་འདི་སྟབས་བདེ་ཏོག་ཏོ་ཅིག་ཨིན།
windows screen reader འདི་ དབང་པོ་ལུ་ཐོག་ཕོག་མི་ཚུ་གི་དོན་ལུ་གནང་མེད་ས་མེད་ཕན་ཐོག་ཡོད་པའི་ཁར་ དབང་པོ་ལུ་སྐྱོན་མ་ཕོག་མི་ཚུ་གི་ཡང་ལག་ལེན་འཐབ་བཏུབ་པའི་མཁོ་ཆས་ ཕན་ཐོག་ཅན་ཅིག་ཨིན་མས། ཕན་ག་དེ་སྦེ་ཐོགཔ་སྨོ་ཟེར་བ་ཅིན་ གོང་ལུ་ཞུ་དོ་བཟུམ་སྦེ་ར་ ཡི་གུ་གི་མིང་ཚིག་ཚུ་དང་ཅིག་ཁར་སྒྲ་ཡང་འཐོན་བཏུབ་པའི་མཁོ་ཆས་ཅིག་ཨིན་མས། མཁོ་ཆས་འདི་ དང་པ་དབང་པོ་ལུ་སྐྱོན་ཡོད་མི་ཚུ་ལུ་ ཕན་ག་དེ་སྦེ་ཐོགཔ་སྨོ་ཟེར་བ་ཅིན་ མིག་ཏོག་མ་མཐོང་མི་སློབ་ཕྲུག་ཚུ་གི་ སློབ་ཁང་སྤྱན་ཞུ་འབད་ནིའི་དོན་ལུ་ ཡི་གུ་རེ་ལྷག་དགོཔ་འཐོན་པར་ཅིན་ གཞན་ལུ་རེ་མ་དགོ་པར་རང་རྐྱང་གི་འཇམ་ཏོག་ཏོ་སྦེ་ལྷག་ཚུགས་ནི་དང་ དབང་པོ་ལུ་ཐོག་མ་ཕོག་མི་ཚུ་ཡང་ མིང་ཚིག་གི་རྗོད་སྒྲ་མ་ཤེས་མི་རེ་འཐོན་པར་ཅིན་ འཕྲུལ་ཆས་འདི་ལག་ལེན་འཐབ་སྟེ་ཤེས་ཚུགས་ནི་ཨིན་མས། དེ་འབདཝ་ལས་ མཁོ་ཆས་འདི་ག་ར་ལུ་ཕན་ཐོག་པའི་འཕྲུལ་རིག་ཅིག་ཨིན།
དེ་འབདཝ་ལས་ སློབ་ཕྲུག་དབང་པོ་ལུ་ཐོག་ཕོག་མི་ཚུ་གི་དོན་ལུ་ དེང་སང་དུས་ཀྱི་འགྱུར་བ་དང་བསྟུན་ཏེ་ མཁོ་ཆས་འདི་བཟུམ་ཡོད་མི་འདི་གི་ ཁོང་ཚུ་ལུ་ཕན་ཐོག་སྦེ་ཡོདཔ་ལས་ ནམ་ར་འབད་རུང་ སློབ་དཔོན་ཚུ་གི་སློབ་ཕྲུག་གི་རིག་པའི་ལྕོགས་གྲུབ་དང་ གཟུགས་སྟོབས་ཀྱི་ལྕོགས་གྲུབ་ལུ་བལྟེ་སྟེ་ མཁོ་ཆས་འདི་ཚུ་ལག་ལེན་འཐབ་སྟེ་སློབ་སྟོན་འབད་དགོཔ་འདི་ཁག་ཆེ་བས་ལགས།
Comments
Post a Comment